ཤར་གླིང་མི་རིགས་མང་པོའི་ཤེས་རིག་ལོ་རྒྱུས་ཀྱི་མགོ་ཁུངས་ནི་ཧི་མ་ལ་ཡའི་རི་རྒྱུད་ལ་འབྲེལ་ཡོད་པ་དང་། ལྷག་དོན་དུ་ཞང་བོད་ཤེས་རིག་ལོ་རྒྱུས་ཀྱི་འབྱུང་གནས་བླ་རི་གངས་རྒྱལ་ཏི་སེས་དབུས་བྱས་པའི་ཧི་མ་ལ་ཡའི་རི་རྒྱུད་ནས་ཐོན་པའི་གཏན་ཚིགས་སམ་ཧི་མ་ལ་ཡའི་བོན་དྲ་བས་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་རྒྱ་ཆེའི་དྲ་གྲོགས་ཡོངས་ལ་སྤྱི་ཕན་གྱི་ཚུལ་དུ་ཞབས་ཞུ་སྒྲུབ་པའི་ཁུལ་ཙམ་ཡིན་ལ། ད་ལམ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་ཧི་བོན་དྲ་བའི་གཙོ་སྒྲུབ་ཁང་གཉིས་མཉམ་གཉེར་ཐོག “ཧི་མ་ལ་ཡའི་བོན་དཔེ་མཛོད་ཁང”ཞེས་བསྒྲགས་པ་གསུང་གི་དཔེའུ་ཙེ་སྟེ་ད་བཞུགས་བོན་གྱི་གསུང་རབ་ཁག་རྣམས་མྱུར་སྐྱོབ་དང་འཚོལ་བསྡུ། བསྡུ་སྒྲིག་དང་པར་འདེབས། ཁྱབ་སྤེལ་དང་འབྲེལ་བའི་དྲ་ངོས་གསར་པ་ཞིག་སྒོ་འབྱེད་ཞུས་ཡོད། དཔེ་ཁང་འདིའི་ནང་ལ་བོན་གྱི་བཀའ་དང་བཀའ་བརྟེན་སོགས་ཀྱི་གསུང་རབ་ཟངས་པར་དང་། ཤིང་པར། བྲིས་མ། འཕྲུལ་པར། དེབ་གཟུགས་སོགས་ཀྱིས་གྲུབ་པའི་དཔེ་རྙིང་གཙོས་གནའ་དེང་གི་གླེགས་བམ་མང་པོ་ཞིག་རྒྱ་ཆེའི་དྲ་གྲོགས་ཚང་མའི་ལོངས་སྤྱོད་ཀྱི་ཡུལ་དུ་གཟིགས་འབུལ་ཞུ་བཞིན་ཡོད་པས་ཀུན་གྱིས་དགྱེས་གཟིགས་གནང་བར་འཚལ།